AI Song Generator Lyrics Generator Pricing My Songs

song

Song generated By ✨Song.do

Song Cover
v1

@ Sangay Tenzin Jangchub

2026-03-09 13:45:01

Lyrics

འབྲུག་ཤར་ཕྱོགས་མོང་སྒར་མངའ་འོག་ལུ།། ས་དགའ་བ་ཆ་གླིང་ལུང་པ་ཆགས།།
ས་དགའ་བ་གཡུས་ཀྱི་སྦུག་ན་ལུ།། སེམས་དགའ་བའི་སློབ་གྲྭ་ཆགས་ཏེ་ཡོད།།།

སེམས་དགའ་བའི་སློབ་གྲྭ་འདི་ནང་ལུ།། ཕྱི་དབྱིན་སྐད་མཁས་པའི་སློབ་དཔོན་ཡོད།།
ནང་རྫོང་ཁ་མཁས་པའི་སློབ་དཔོན་ཡོད།། ཐུགས་རྣམས་པར་བཀྲ་བའི་དབུ་འཛིན་ཡོད།།

ཕྱི་ནང་གིས་ཡོན་ཏན་སྦྱང་མི་ཚུ།། ཕྱི་ངོ་རིས་ལྷའི་སྲསམོ་འདྲ།།
ནང་མནོ་བའི་བསམ་པ་བཟང་དྲགས་ཡོད།། ཕམ་བཟང་པོའི་བུ་གཞི་ཨིན་མས་ས།།

གཞུང་བཀའ་དྲིན་ཆེཝ་ལས་ང་བཅས་ཚུ།། ལམ་སྟོན་པའི་སློབ་དཔོན་སྟོང་པ་གནང།།
མཁོ་ཆེ་བའི་ཅ་ཆས་གནང་སྟེ་ཡོད།། སེམས་ཧིང་ལས་བཀའ་དྲིན་ཆེ་་ཟེར་ཞུ།།

དགའ་ང་བཅས་ཆ་གླིང་ལུང་པ་དགའ།། སྐྱིད་ང་བཅས་ཆ་གླིང་ལུང་པ་སྐྱིད།།
དགའ་སྐྱིད་ལྡན་པའི་ཆ་གླིང་ལུང་པ་ལུ།། སྐྱེ་བ་སྐལ་པ་བཟང་ནུག་ཕོ་མོ་ཚུ།།

Style of Music

Traditional Folk, Inspirational, Female Vocals, Accordion, Moderate (76-108 BPM)